གངས་ལྗོངས་ཨ་ནུའི་ཡིག་ཆས།
雪域阿鲁藏文具
 

ད་ལྟའི་གནས་ཡུལ།>

ཁམས་པའི་བརྙན་འཕྲིན་དང་གཙུག་ལག་ཕྲེང་བའི་མུ་འབྲེལ་ལེ་ཚན།【6】

来源:གངས་ལྗོངས་ཨ་ནུ་ཡིག་ཆས་ཀུང་སི།作者:ཁམས་པའི་བརྙན་འཕྲིན།

ཁམས་པའི་བརྙན་འཕྲིན་དང་གཙུག་ལག་ཕྲེང་བའི་མུ་འབྲེལ་ལེ་ཚན།【6】

宗拉昌瓦书咖空间 宗拉昌瓦书咖空间TLTW 2017-07-25
ཁམས་པའི་བརྙན་འཕྲིན་དང་གཙུག་ལག་ཕྲེང་བའི་མུ་འབྲེལ་བགྲོ་གླེང་ལེ་ཚན།【6】
                                                               — བྱམས་པའི་ཁ་བརྡ།


བརྗོད་གཞི། བྲིས་པ་དང་བྲིས་པའི་གཅེས་ནོར།

གདན་ཞུས་སྐུ་མགྲོན། | Guest Speaker |分享嘉宾:

གཙོས་ཤེས་རབ་རྒྱ་མཚོ། གཙོས་དགའ་ལྡན་ཆོས་གླིང་གི་ཡིག་གཟུགས་དགེ་རྒན་ཆེན་མོ།

སྐལ་བཟང་བཀྲ་ཤིས། ཨ་ནུ་ཡིག་ཆས་སྤྱི་གཉེར་ཁང་གི་འགན་འཛིན་པ།

མདོ་འཛིན་པ།  བྱམས་པ་རྡོ་རྗེ། ཁམས་པའི་བོད་སྐད་བརྙན་འཕྲིན། ལེ་ཚན་གཙོ་གཉེར་བ།

主题:书法人和文房四宝

 西绕嘉措:甘南藏族自治州合作寺僧人、书法师

尕藏扎西:甘南阿鲁民族文化用品开发有限责任公司总经理

康巴卫视《向巴聊天》栏目到宗拉昌瓦书咖空间系列访谈【6】





  གཙོས་ཤེས་རབ་རྒྱ་མཚོའམ་དབྱངས་གོ་ཆ་ལགས་ནི་སྤྱི་ལོ་༡༩༨༠ལོར་མདོ་སྨད་ཁ་གྱ་ཚོ་དྲུག་གི་ཡ་གྱལ་གཙོས་དཔོན་འཁོར་ཚོ་བའི་ནང་དུ་འབག་རྒན་ཚང་ཞེས་པའི་རོང་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། ལོ་དྲུག་ནས་སློབ་ཆུང་འགྲིམས་ཏེ་སློབ་མཐར་ཕྱིན་རྗེས་གཙོས་དགའ་ལྡན་ཆོས་གླིང་དུ་རབ་ཏུ་བྱུང་།  དེ་ནས་མ་ཧཱ་པཎྜི་ཏ་རྗེ་བློ་གསལ་རྒྱ་མཚོ་དང་དགེ་བའི་བཤེས་གཉེན་རྗེ་བློ་བཟང་ཤེས་རབ་རྣམ་གཉིས་ལ་བསྟེན་ཏེ་ཐུན་མོང་བ་སུམ་རྟགས་དག་གསུམ། སྒྲ་སྙན་རྩིས་གསུམ།  ཐུན་མོང་མ་ཡིན་པ་ཕར་ཚད་ཀྱིས་གཙོས་ནང་རིག་ལ་སྦྱངས་པ་བྱས་ཤིང་། ༡༩༩༦ལོར་ཀན་སུའུ་ནང་བསྟན་སློབ་གླིང་དུ་ཞུགས་ཏེ་སྔ་ཕྱིར་སློབ་གླིང་དེ་དང་བླ་བྲང་བཀྲ་ཤིས་འཁྱིལ་ནས་ལོ་ངོ་བདུན་ལ་ཡོངས་འཛིན་རྡོ་རྗེ་འཆང་རྗེ་༧འཇམ་དབྱངས་རྒྱ་མཚོ་ཚང་དང་དགེ་བའི་བཤེས་གཉེན་ཆེན་པོ་རྔ་བའི་གྲགས་པ་ཚང་།  སོག་པོའི་དགེ་བཤེས་བཀྲ་ཤིས་རྒྱ་མཚོ་ཚང་སོགས་བཤེས་གཉེན་བཅུ་ཕྲག་ལྷག་གི་མདུན་ནས་མདོ་སྔགས་རིག་གནས་སྤྱི་ལ་ཐོས་བསམ་བྱེད་པའི་ཞོར་དུ།  དགའ་ལྡན་བྲིས་གསར་ལ་ནང་བྱན་ཚུད་པའི་བཀྲ་ཤིས་འཁྱིལ་གྱི་ཡིག་མཁན་འགོ་ཚའི་རྒྱ་མཚོ་མཆོག་གི་ཐུགས་སྲས་རྗེ་དཀོན་མཆོག་རྒྱ་མཚོ་ཚང་གི་མདུན་ནས་ལོ་ངོ་བཞི་ལ་ཉེ་བར་དབུ་ཅན་གཙང་བྲིས། སུག་རིང་། འབྲུ་ཚ་སོགས་ཡིག་གཟུགས་སྤྱི་དང། ཁྱད་པར་དཔང་ལོ་ཙཱ་བའི་ཐུན་མོང་མ་ཡིན་པའི་ཕྱག་རྒྱུན་ཏེ་ལཉྫ་དང་ཝརྟུ་ལའི་བྲིས་རྒྱུན་རྣམ་པར་དག་པ་ལ་སྦྱངས། དུས་མཚུངས་སུ་དབལ་མང་ཡོངས་འཛིན་རྗེ་བཀྲ་ཤིས་རྒྱ་མཚོའི་མདུན་ནས་དབུས་བྲིས་སུག་རིང་དང་རྒྱུགས་བྲིས།  དྲུང་ཡིག་སྨོན་ལམ་ཚང་གི་དངོས་སློབ་ཚུལ་ཁྲིམས་རྒྱ་མཚོ་ལས་དབུ་ཅན། སུག་རིང་། འབྲུ་ཚ། ཚུགས་རིང་ཚུགས་ཐུང་བཅས་ལ་སྦྱངས།  གཙོས་དགའ་ལྡན་ཆོས་གླིང་གི་རིག་གནས་ཀུན་ལ་མཁྱེན་སྤྱན་ཡངས་པ་རྗེ་བློ་བཟང་ཤེས་རབ་ཚང་གི་མདུན་དུ་སྒོམ་ར་ཨ་ཁུ་ཚང་ནས་བརྒྱུད་པའི་ལཉྫ་དང་ཝརྟུ་ལའི་བྲིས་རྒྱུན་དང་ཁོང་གིས་གཙོས་དགོན་གྱི་དཔེ་རྙིང་ཁམས་བྲིས་ལག་བྲིས་མའི་དཔེ་མང་བོར་ཁུངས་བཅོལ་ཏེ་ཚུགས་ཐུང་ཁམས་བྲིས་མ་ལ་མཛུབ་ཁྲིད་དུ་མཛད་པའི་བཀའ་དྲིན་ཟླ་མེད་བསྐྱངས།  གཞན་ནང་བསྟན་སྐོར་གྱི་བརྩམས་ཆོས་དང་། སྒྱུ་རྩལ་རྩོམ་རིག་གི་བརྩམས་ཆོས་ཁག །རྒྱ་བོད་གཉིས་ཀྱི་སྐད་ལ་བསྒྱུར་པའི་བརྩམས་ཆོས་ཁག་མང་བོ་བརྩམས་ཤིང་།  དེ་དག་ལས་སྔ་ཕྱིར་དེབ་བཞི་ཙམ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་སོགས་ནས་པར་བསྐྲུན་མཛད་ཡོད།  


微信图片_20190131131044.jpg

     ༢༠༠༣ལོ་ནས་ཕྱིར་རང་དགོན་གཙོས་དགའ་ལྡན་ཆོས་གླིང་དུ་ཡོང་སྟེ་གཞུང་ཆེན་དག་ལ་གཙོ་བོར་འབད་ཞོར་རང་དགོན་དང་བིས་མདོ་ཟབ་མོ་དགོན།  གཙོས་བོད་རིགས་སློབ་ཆུང་དང་གཙོས་བོད་རིགས་སློབ་འབྲིང་། གཙོས་སློབ་འབྲིང་གསུམ་པ་བཅས་ནས་ཡོང་བའི་བྲིས་ལ་མོས་པ་ཆེ་བའི་སློབ་མ་དག་ལ་ཡིག་གཟུགས་སྣ་ཚོགས་ཀྱི་རྒྱུན་ཁྲིད་མུས་སུ་ཡོད་པ་མ་ཟད།  དེ་མིན་སློབ་ཆེན་དང་མཐོ་རིམ་ཞིབ་འཇུག་པར་རྒྱུགས་སྤྲོད་མཁན་གྱི་སློབ་མ་ཁག་ཅིག་ལ་སྙན་ངག་དང་ཚད་མ།  སྒྲ་རིག་པ་སོགས་ཁྲིད་པའི་ལས་ལ་གཞོལ་མུས་སུ་མཆིས།



微信图片_20190131131049.jpg


སྐལ་བཟང་བཀྲ་ཤིས་སམ་པུར་མིང་ལ་ཨ་ནུ་སྐལ་བཟང་བཀྲ་ཤིས་སུ་འབོད།ཕོ།བོད་རིགས།1978ལོར་ཀན་ལྷོ་ཁུལ་གྱི་མཛོད་དགེ་སྟོད་ཀྱི་ཆར་རུ་སྟོད་མའི་ཡུལ་ཚོ་རུ་སྐྱེས། སློབ་གྲྭ་ཆུང་འབྲིང་རིམ་པར་བརྒྱུད་དེ་སྤྱི་ལོ2000ལོར་བྱ་བའི་ལས་གནས་སུ་ཞུགས་ཏེ་མི་རིགས་སློབ་གསོའི་ལས་དོན་ལ་འབད་པ་རྩེ་གཅིག་ཏུ་བྱས་ལ།ད་ལྟ་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་ཡིག་གཟུགས་དང་རི་མོའི་དགེ་རྒན་གྱི་འགན་འཁུར་མུས་སུ་མཆིས།ཀན་སུའུ་ཞིང་ཆེན་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་དང་རྨ་ཆུ་རྫོང་བོད་ཀྱི་སྲོལ་རྒྱུན་རི་མོ་སྲུང་སྤེལ་ལྟེ་གནས་ཀྱི་ཁོངས་མི་བཅས་ཡིན།༢༠༡༤ལོ་ནས་བཟུང་ཡིག་གཟུགས་རིག་གནས་ཀྱི་ཚོང་རའི་དགོས་མཁོ་དང་བསྟུན་ཏེ་བོད་ཀྱི་བྲིས་གཟུགས་ལས་དོན་འདི་མཁའ་མཐར་ཡན་པའི་མག་མོག་གི་ཟླ་བའི་རྗེས་སུ་འགྲོ་བཞིན་པར་སེམས་ཁྲལ་གྱིས་ཡིག་གཟུགས་ལས་དོན་ལ་འཇུག་གིན་པའི་ལས་དང་པོ་བར་མཐུན་རྐྱེན་ཨེན་ཙམ་རེ་ཡོང་སྙམ་པའི་ཀུན་སློང་གིས་ཨ་ནུ་རྟགས་ཅན་གྱི་བོད་ཀྱི་ཡིག་ཆས་ལས་སྣོན་བྱས་ཏེ་ཚོང་རར་བཀྲམས་པས་རྒྱ་ཆེ་བའི་འཛད་པས་དགའ་བསུ་ཆེས་ཆེར་ཐོབ་ཡོད།བརྩམས་ཆོས་ལཡིག་གཟུགས་མཐོང་བ་དགའ་སྐྱེདདངདབུ་ཅན་ཡིག་གཟུགས་འབྲི་དེབབཅས་ཡོད།


微信图片_20190131131052.jpg


གཙུག་ལག་ཕྲེང་བ།    
དཔེ་ཀློག་ལ་བརྟེན་ནས།
                         ལྟ་བའི་རྒྱ་སྐྱེད་ཅིང་།  
                                  ཐོས་པའི་བོགས་འདོན།

                                           གོ་བའི་གཏིང་ལོངས་ལ།    
                                                   རིག་པའི་སྟོབས་སྐྱེད་ཅིག

࿇གཙུག་ལག་ཕྲེང་བ།
              དཔེ་ཀློག་ལ་བརྟེན་ནས།

                                  འཚོ་བའི་སྙིང་བོ་ལེན་ཞིང་།

                                            བདེན་པའི་ལམ་ཁ་འཚོལ།



微信图片_20190131131056.jpg



          གཙུག་ལག་ཕྲེང་བ་རིག་གནས་སྨྱན་བྱད་ཚད་ཡོད་སྤྱི་གཉེར་ཁང་ནི་2014ལོར་མཚོ་སྔོན་ཟི་ལིང་དུ་ཚུགས་ཤིང་། འདིར་བོད་རིག་པའི་དེབ་གཞིར་བྱས་རྒྱ་ཡིག་དང་དབྱིན་ཡིག་གི་དེབ་རྩེ་གྲ་རྣམས་ཚོགས་ཡོད་ལ། དཔེ་སྣ་མཉམ་འདུས་དང་ཡན་ཡན་ལག་མཉམ་འབྲེལ། བཞུགས་མོལ་བགྲོ་གླེང་། དྲ་ལམ་བརྒྱུད་ཚོང་། དེབ་སྐྲུན་ཇུས་འགོད་བཅས་ཞབས་ཞུའི་ལས་སྣ་འཛོམས་པའི་དཔེ་ཀློག་ཇ་ཁང་ཞིག་ཡིན། སྤྱིའི་གཞི་ཁྱོན་ཆེ་ཞིང་ཁང་བའི་ནང་བཀོད་སོགས་དེང་རབསloftབཟོ་ལུགས་ལྟར་འཆར་བཀོད་བྱས་ཡོད་ཅིང་། གཅིག་ཐོག་དཔེ་ཁང་དང་ཉིས་ཐོག་ཚིག་ཇ་ཁང་གི་རྣམ་པ་ཞིག་ཡིན། བྲོ་བ་ཞིམ་པའི་ཁ་ཧྥེ་རིགས་སྣ་ཚོགས་དང་བཅུད་ལྡན་ཟས་ཀྱི་གཡོས་སྦྱོར་རིགས་སྟབས་བདེ་ཡང་ཡོད།  
གཙུག་ལག་ཕྲེང་བ་དཔེ་ཀློག་ཇ་ཁང་དང་གཙུག་ལག་ཕྲེང་བ་དཔེ་ཁང་གཉིས་ད་ལྟ་སོ་སོར་གནའ་མཁར་ཟི་ལིང་གྲོང་ཁྱེར་གྱི་ཤར་ངོས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་གཡས་འགྲམ་དང་ཐེ་གཡང་རྒྱལ་སྤྱིའི་བོད་མིའི་ཁྲོམ་གྱི་ཉིས་ཐོག་ན་ཡོད། གཞན་ཡང་ལྗོངས་ཞིང་ལྔའི་བོད་ཁམས་ཡོངས་སུ་གཙུག་ལག་ཕྲེང་བའི་ཡན་ལག་དཔེ་ཁང་བཅུ་ལྷག་དང་མཛའ་འབྲེལ་དཔེ་ཁང་ཉི་ཤུ་ལྷག་ཡོད་ལ། ད་དུང་མུ་མཐུད་དུ་ཡན་ལག་དཔེ་ཁང་དང་མཉམ་འབྲེལ་དཔེ་ཁང་འཛུགས་འཆར་ཡོད།
འདིར་གསུང་རབ་དཔེ་ཚོགས་དང་སྒེར་དེབ་སོགས་རྩོམ་སྒྲིག་ཇུས་འགོད་དང་པར་སྐྲུན་ཞབས་ཞུ། བླུ་ཉོ་ཁྱབ་བསྒྲགས། སྡེབ་ཚོང་བརྒྱུད་བསྐུར་བཅས་བྱེད་ཀྱི་ཡོད། ད་ལྟ་བཀའ་བསྟན་དཔེ་བསྡུར་མ་དང་བོད་ཀྱི་གསོ་རིག་ཀུན་བཏུས། བོན་གྱི་གནའ་དཔེ་ཕྱོགས་བསྒྲིགས། མཁས་དབང་རིམ་བྱོན་གྱི་གསུང་འབུམ་དཔེ་ཚོགས་སྟོང་ཕྲག་ལྷག་དང་། གནའ་དེང་གི་རིག་གནས་ལོ་རྒྱུས་དང་ཚན་རིག་ཞིབ་འཇུག་གི་དཔྱད་གཞིའི་ཡིག་ཆ་སོགས་བོད་ཡིག་དཔེ་སྐྲུན་ཁང་བརྒྱད་དང་རྒྱའི་དཔེ་སྐྲུན་ཁང་ཉི་ཤུ་ལྷག ཕྱིའི་རྒྱལ་ཁབ་གསུམ་ནས་ནང་འདྲེན་བྱས་པའི་དཔེ་ཚོགས་སྤུས་དག་མའི་དཔེ་སྣ་མང་པོ་འདུས་ཡོད།
ངེད་གཙུག་ལག་ཕྲེང་བས་བོད་ཀྱི་པར་སྐྲུན་རིག་གནས་ཀྱི་དུས་རབས་ཀྱི་དབྱེ་མཚམས་གཞིར་བཟུང་ཞིང་། འདིར་སྣ་རིང་ནས་མགོ་བཙེམ་གྱི་བར་བརྒལ་དང་། རྟེན་དུ་ཉར་བ་ནས་ཁ་ཕྱེས་ཏེ་བཀླགས་ཤིང་སློབ་གཉེར། མདོར་ན་དཔེ་ཀློག་ལ་སྐུལ་མ་བྱེད་པ་དོན་གྱི་ཡང་སྙིང་དུ་བཟུང་སྟེ། ཆོལ་ཁ་ཆོས་ཚན་དང་། ཆོས་བརྒྱུད་གྲུབ་མཐའ། རིག་གནས་གསར་རྙིང་། རྒྱ་བོད་དབྱིན་གསུམ་གྱི་ཡིག་རིགས་བཅས་རྒྱལ་ཁམས་ཀྱི་དབྱེ་མཚམས་ལས་བརྒལ་བའི་མི་རིགས་སོ་སོའི་རིག་གནས་དང་སྐད་ཡིག་གི་བར་ལ་རིག་གནས་ཀྱི་གསེར་ཟམ་ཞིག་བསྐྲུན་ཅི་ཐུབ་ལ་གཞོལ་གྱིན་ཡོད། ཤར་ནུབ་ཀྱི་སྐྱེས་ཆེན་གསེར་རིའི་ཕྲེང་བའི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་གསུང་རབ་རིན་པོ་ཆེའི་གཅེས་ནོར་དག་གངས་ཅན་སྐྱེ་འགྲོ་ཡོངས་ཀྱི་བསམ་པའི་ཟས་སུ་འགྱུར་བ་དང་དཔེ་ཀློག་གི་སྟོབས་ཤུགས་ཀྱིས་འཛམ་གླིང་གི་མི་རིགས་དང་མི་སྒེར་སོ་སོའི་ལས་དབང་བསྒྱུར་ཐུབ་པའི་རེ་སྨོན་དང་བཅས།
࿄ དེབ་ཚར་གསུམ་ཡན་ས་གནས་སོ་སོར་བསྐུར་ཆོག
࿅ དེབ་རིན་དངུལ་བྱང་དང་ཁུག་དམར་ལ་བསྐུར་ཆོག
࿇ སྡེབ་ཉོ་དང་ཚོགས་མི་ལ་རིན་གོང་ཟུར་གཅོག་ཡོད།

࿈ ཚད་ལྡན་གྱི་སྤ་སེའམ་འཛིན་ཡིག་བཟོ་ཆོག




微信图片_20190131131059.jpg



微信图片_20190131131103.jpg