གངས་ལྗོངས་ཨ་ནུའི་ཡིག་ཆས།
雪域阿鲁藏文具
 

ད་ལྟའི་གནས་ཡུལ།>

ངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ནས་རིག་སྨོན་བསམ་གཏན་རྒྱ་མཚོ་མཆོག་གི་ཡིག་ཐང་རིང་མོ་འགྲེམ་སྟོན་མཛད་སྒ
来源:བོད་ཀྱི་ཡིག་གཟུགས་དྲ་བ།作者:རིག་སྨོན་བསམ་གཏན།

༄༅།།གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ནས་རིག་སྨོན་བསམ་གཏན་རྒྱ་མཚོ་མཆོག་གི་ཡིག་ཐང་རིང་མོ་འགྲེམ་སྟོན་མཛད་སྒོ་ཐེངས་ལྔ་བ་བསྡུས།



         ༢༠༡༨ལོའི་ཟླ་༩ཚེས་༤ཉིན། བོད་ཀྱི་ཡིག་མཁན་གྲགས་ཅན་རིག་སྨོན་བསམ་གཏན་ལགས་ཀྱིས་ད་ལོའི་སློབ་སྐབས་གཉིས་པའི་སློབ་མགོ་གསར་ཚུགས་དང་འབྲེལ་ཏེ་རང་ཉིད་ཀྱི་བྲིས་རྒྱུན་སྣ་ཚོགས་ཀྱི་ཡིག་ཐང་རིང་མོ་གསར་བཞེངས་ལེགས་གྲུབ་ཀྱི་འགྲེམ་སྟོན་མཛད་སྒོ་ཐེངས་ལྔ་བ་དེ།གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་དགྱེས་འཛོམས་ཚོམས་ཆེན་དུ་གཟབ་རྒྱས་ངང་སྤེལ་པ་རེད།

        ཐེངས་འདིར་ཁོང་གིས་ཕྱག་བྲིས་གནང་བའི་བྲིས་རྒྱུན་ཡིག་ཐང་བཞི་བཅུ་ལྷག་རང་སློབ་གྲྭའི་དགྱེས་འཛོམས་ཚོམས་ཆེན་དུ་བཤམས་པ་མ་ཟད།དགེ་སློབ་དྲུག་བརྒྱ་ལྷག་གིས་ཁོང་ལ་རྟེན་འབྲེལ་ཞུས་ཤིང་བརྩམས་ཆོས་དག་ལ་ཞིབ་པར་མཇལ་བ་རེད།སློབ་སྐབས་འདིར་ཡང་ཟླ་གཅིག་ལ་ཁོང་གིས་འཛིན་རིམ་གསུམ་པོར་སྨྱུག་རིལ་གྱི་འབྲི་སྟངས་དང་གཙང་བྲིས་ཚུགས་རིང་།ད་དུང་དབུས་བྲིས་འཁྱུག་ཡིག་བཅས་ཀྱི་བྲིས་རྒྱུན་སྤེལ་བའི་འཆར་གཞི་ཡོད།

རིག་སྨོན་བསམ་གཏན་གྱིས་སློབ་མ་ཚོར་བྲིས་རྒྱུན་ཡིག་གཟུགས་ངོ་སྤྲོད་གནང་བཞིན་པ།


          བོད་ཀྱི་སློབ་གསོ་བ།  གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་སྤྱི་རྒན་འཇིགས་མེད་རྒྱལ་མཚན་མཆོག    ༢༠༡༨ལོའི་ཟླ༩ཚེས༦དགོང་མོར་ཆེད་དུ་ཐེངས་འདིའི་ཡིག་གཟུགས་བྲིས་རྒྱུན་སློབ་ཁྲིད་ལ་གཟིགས་ཞིབ་ཏུ་ཕེབས་ནས་ལོ་རྒྱུས་ཀྱི་རྒྱུན་རིང་བའི་བྲིས་རྒྱུན་སྒྱུ་རྩལ་དང་།   སྲོལ་རྒྱུན་ཡིག་ཆས།  ཁུངས་ལྡན་བྲིས་དཔེ་བཅས་ལ་ཞིབ་གཟིགས་བྱས་རྗེས།   ཐུགས་དགྱེས་ཚོར་ཆེན་པོས་ཡི་རེངས་དང་བསྔགས་བརྗོད་བྱས་པ་ཡིན།   ད་རེབ་ཀྱི་སློབ་ཁྲིད་འདིར་དགེ་སློབ་ཉིས་བརྒྱ་ལྷག་གིས་གཉིད་བཅག་ཟས་བརྗེད་ཀྱིས་གུང་གསེང་གི་ངལ་གསོའི་དུས་ཚོད་སོགས་ཀྱང་བེད་སྤྱད་ནས་བྲིས་རྒྱུན་འབྲི་སྦྱོང་ལ་ཧུར་བརྩོན་བྱེད་པའི་རྣམ་པ་འདིས།   མེས་པོའི་ཡིག་རྒྱུན་མདོ་དབུས་ཁམས་གསུམ་ལ་དར་བའི་སྨོན་འདུན་དང་རེ་བ་ཡོད།



སློབ་གཙོ་སོག་རུ་འབྲུག་འབུམ་རྒྱལ་ལགས་ཀྱིས་བོད་ཀྱི་བྲིས་རྒྱུན་སྐོར་གྱི་གལ་ཆེན་རང་བཞིན་གླེང་བ།


བོད་ཀྱི་བྲིས་རྒྱུན་སྣ་ཚོགས་ཀྱི་སྨྱུག་རིམ་ཐང་ག་བཞི་བཅུ་ལྷག་འགྲེམ་སྟོན་བྱས་པ་ཡིན།





དགེ་སློབ་དྲུག་བརྒྱ་ལྷག་ལ་བརྙན་ཡོལ་གྱི་ལམ་ནས་ཡིག་རྒྱུན་སློབ་ཁྲིད་བྱེད་བཞིན་པ།





བོད་ཀྱི་སློབ་གསོ་བ། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་སྤྱི་རྒན་འཇིགས་མེད་རྒྱལ་མཚན་མཆོག  




在线视频