གངས་ལྗོངས་ཨ་ནུའི་ཡིག་ཆས།
雪域阿鲁藏文具
 

ད་ལྟའི་གནས་ཡུལ།>

དཀར་ཤོད་ཆོས་འཁོར་དབྱར་སྐྱིད་རི་ལྟས་རིག་གནས་སྒྱུ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་མདོར་བསྡུས།
来源:ཨ་ནུ་ཡིག་ཆས་ཀུང་སི།作者:དྲ་གྲོགས།

དཀར་ཤོད་ཆོས་འཁོར་དབྱར་སྐྱིད་རི་ལྟས་རིག་གནས་སྒྱུ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་མདོར་བསྡུས།


           དཀར་ཤོད་དགའ་ལྡན་ཆོས་འཁོར་གླིང་གི་དབྱར་སྐྱིད་རི་ལྟས་རིག་རྩལ་སྤྲོ་ཚོགས་མཛད་སྒོ་འདི་ཉིད་ནི་གོང་ས་ལྔ་པ་ཆེན་པོས་སྤྱི་ལོ་1668ལོར་དཀར་ཤོད་བྲག་རི་འོད་གསལ་ཕུག་དགེ་ལྡན་རིང་ལུགས་སུ་བསྒྱུར་བ་ནས་རྩེ་རྫོང་རྒྱབ་ཞར་འཕེན་ཞེས་པའི་རྟ་རྒྱུག་གི་བྱེད་སྒོར་གཅུང་པ་ནས་མི་རྟ་མང་པོ་འགྲོ་དགོས་པར་བཀའ་མངགས་བསྩལ་དོན་ལྟར་བསྒྲུབས།  



        དེ་ནས་གོང་ས་བདུན་པ་ཆེན་པོའི་སྐབས་སུ་ཁོང་གི་ཐུགས་སྲས་དཀར་ཤོད་ཆོས་འཁོར་བླ་མ་རག་རྡོ་མཚུངས་མེད་འོད་ཟེར་རྒྱ་མཚོས་སྙན་ཞུ་ཕུལ་བ་དགོངས་འཁྲོལ་ཐོབ་ནས་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ནས་བྱེད་སྒོ་དེ་དཀར་ཤོད་འབྲིང་རྟ་རྒྱུག་ཐང་དུ་འཚོག་པ་ནས་རིམ་བཞིན་ཐག་ཇེ་ཉེར་གཏོང་ནས་དགོན་པའི་གཡས་ཕྱོགས་བཀྲ་ཤིས་ཐང་དུ་འཚོག་པ་རེད། བྱེད་སྒོ་དེར་རྩེད་མོའི་རིགས་ལ་མི་རྒྱུག རྟ་རྒྱུག མདའ་འཕེན། མེ་ཞོན། ཤེད་རྡོ་པང་བ། ཤེད་གཡུག་པ། གོང་འགྱུར་རྒྱག་པ། ཐག་པ་འཐེན་པ། རལ་པ་འཁྲབ་པ། གླུ་ལེན་པ། བྲོ་འཁྲབ་པ། གཞས་འདོན་པ། འབྲས་དཀར་ཤོད་པ། ལྷ་མོ་འཁྲབས་པ་སོགས་རྩེད་སྣ་མང་པོ་ཡོད།



          ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་སླར་གསོའི་རྗེས་སུ་སྤྱི་ལོ་1996ལོར་སྡེ་དགོན་ཐུན་མོང་ནས་གོང་རིམ་སྡེ་ཚན་ལ་སྙན་ཞུ་ཕུལ་དོན་ལྟར་ཆོག་འཆན་དགོངས་འཁྲོལ་ཐོབ་ནས་ཟབ་རྒྱས་ངང་འཚོགས། དེ་ནས་ལོ་གསུམ་རེའི་ནང་ཐེངས་རེ་འཚོགས་ནས་སྔར་གྱི་རྩེད་སྣ་ཕལ་ཆེ་བ་ཉམས་གསོ་ཐུབ་ཡོད།

          2018ལོར་ཆོས་འཁོར་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་གཙོ་སྐྱོང་འོག་དགོན་པའི་དབུ་ཁྲིད་དགེ་སློང་ངག་དབང་ཆོས་འབྱོར་སོགས་ཀྱིས་སྙན་ཞུ་ཕུལ་བ་ལྟར། སོག་རྫོང་ཨུད་དང་རྫོང་སྲིད་གཞུང་། རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མི་རིགས་ཆོས་དོན་ཅུད། ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་ནས་ཆོག་འཆན་བསྩལ་བ་ལྟར་ཤང་ཁག་གཉིས་ཀྱི་གཙོ་བོའི་དབུ་ཁྲིད་དང་སྲིད་འཛིན་གྲོང་ཚོ་32གྱི་དབུ་དམངས་ཡོངས་ཀྱིས་དཀའ་ངལ་ལ་མ་འཛེམས་པར་ཕུན་སུམ་ཚོགས་པའི་རྩེད་སྣའི་གྲ་སྒྲིག་གནང་བ་མཐུན་རྐྱེན་ལ་བརྟེན་ནས་ཉིན་ལྔའི་རིང་ལ་གདམ་བཀྲ་ཤིས་ཡར་ཐང་དུ། ཤེས་དཔལ་ལ་སྣང་ཆེན་གྱིས། འཚོ་བར་དགའ་ཞེན། ཞེས་པའི་བརྗོད་དོན་ལྟར། ཡིག་གཟུགས་འགྲན་བསྡུར་དང་། གཞུང་ཆེན་བཀའ་པོད་ལྔའི་བགྲོ་གླེང་རྩོད་རྒྱུག མི་རྒྱུག རྟ་རྒྱུག རྟ་འགྲོས་སྐོར། ཤེད་རྡོ་པང་བ། ཐག་པ་འཐེན་པ། གླུ་ལེན་པ། བྲོ་འཁྲབ་པ། གཞས་འདོན་པ། འབྲས་དཀར་ཤོད་པ། རལ་པ་འཁྲབ་པ། དགོན་པའི་གར་འཆམ་སོགས་རྩེད་སྣ་ཕུན་སུམ་ཚོགས་པ་དེ་སྔོན་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་འཐུས་སྒོ་ཚང་བའི་དབྱར་སྐྱིད་རི་ལྟས་བྱེད་སྒོ་དེ་ཞི་བདེ་དང་མཆམ་མཐུན་ལྡན་པའི་སྒོ་ནས་ཟབ་རྒྱས་ངང་སྤེལ་བ་ལགས། མ་ཟད་པར་རི་ལྟས་བྱེད་སྒོའི་རིག་རྩལ་གཙོ་བོ་«ཆོས་འཁོར་དགོན་གྱི་སྐབས་དང་པོའི་ཀྲུང་གོའི་བོད་ཀྱི་ཡི་གེའི་གཟུགས་རིས་འགྲན་བསྡུར་དང་ཕུལ་བྱུང་ཡིག་གཟུགས་འགྲེམས་སྟོན་»འདི་ཡང་འདི་ལོར་གོང་རིམ་སྡེ་ཚན་ནས་ཆོག་འཆན་དགོངས་འཁྲོལ་ཐོབ་པ་ལྟར་སྟ་གོན་དང་དངོས་གཞིའི་སྐབས་ཐམས་ཅད་དུ་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་སྒོ་ནས་ཆོས་འཁོར་དགོན་པའི་སྦྲ་ནག་གླིང་བཞི་མའི་ནང་དུ་འགྲན་ཞུགས་པར་བརྩམས་བྱའི་ཡི་གེ་ལ། སྣང་ཆེན་བཞི་དང་དགའ་ཞེན་བཞི་དང་། ཀུན་སྤྱོད་དང་སློབ་གསོ་ཡར་སྐུལ་གྱི་ཁྱད་ཆོས་ལྡན་པའི་བརྩམས་ཆོས་ཁག་རང་མོས་འདེམས་སྒྲུག་བྱེད་དུ་གཅུག་ནས་འགྲན་ཞུགས་མི་གྲངས་50ཙམ་གྱིས་འགྲན་བསྡུར་བྱས་ནས་ཡིག་གཟུགས་མཁས་པའི་ཆོ་ལོ་ཐོབ་པའི་ཡིག་མཁན་མི་5 ཡིས་དཔྱད་འདེམས་བྱས་པ་བརྒྱུད་བྱ་དགའི་ཨང་རིམ་བསྩལ་བ་དང་། སྦྲ་ནག་གླིང་བཞི་མའི་ནང་འགྲེམ་སྟོན་བྱས་པས་སྔ་ཕྱི་བསྡོམས་པའི་ལྟད་མོ་བ་མི་གྲངས་8000ཡས་མན་འགྲེམ་སྟོན་ལ་ཞུགས་པ་དང་། འབྲེལ་ཡོད་དབུ་ཁྲིད་དང་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་དགའ་བསུ་ཚད་མེད་ཐོབ་ཅིང་འགྲན་བསྡུར་འདི་འདྲ་མུ་མཐུད་ནས་སྤེལ་དགོས་པའི་རེ་སྐུལ་དང་རྒྱབ་སྐྱོར་ཚད་མེད་ཐོབ་ཡོད།



         དེ་ལྟ་བུའི་ཕ་ཡུལ་གཅུང་པ་ཤོག་ཁག་དགུ་ཡི་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་རྩལ་འགྲན་ཚོགས་སམ། དཀར་ཤོད་དགའ་ལྡན་ཆོས་འཁོར་གླིང་གི་འཆར་ཅན་ཆོས་ལུགས་ཀྱི་བྱེད་སྒོ། མི་ལོ་350ཙམ་གྱི་ལོ་རྒྱུས་ལྡན་པའི་དངོས་མིན་རིག་གནས་ཤུལ་བཞག་«དཀར་ཤོད་ཆོས་འཁོར་དབྱར་སྐྱིད་རི་ལྟས་རིག་གནས་སྒྱུ་རྩལ་འགྲན་ཚོགས་»འདི་ཉིད་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་དུ་དེ་སྔོན་རྒྱབ་སྐྱོར་དང་གཞོགས་འདེགས་གནང་དང་གནང་མུས་ཀྱི་རང་ཡུལ་གྱི་སྐྱ་སེར་ཕུ་ནུ་ཚང་མ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་མུ་མཐུད་ནས་དེ་སྔོན་ཉམ་གསོ་མ་ཐུབ་པའི་སྐྱོར་མོ་ལུང་གི་ལྷ་མོའི་འཁྲབ་སྟོན་སོགས་རྩེད་སྣའི་རིགས་དེ་དག་སླར་གསོའི་ཆེད་དུ་འབད་བརྩོན་གནང་རོགས་ཞེས་རེ་སྐུལ་གྱི་ཚུལ་དུ་ཞུ་བ་ལགས་སོ།།

2018ལོའི་དབྱར་སྐྱིད་རི་ལྟས་མཇུག་སྒྲིལ་སྐབས་སུ་བྲིས།

在线视频