གངས་ལྗོངས་ཨ་ནུའི་ཡིག་ཆས།
雪域阿鲁藏文具
 

ད་ལྟའི་གནས་ཡུལ།>

ཨ་ནུ་ཀུང་སིའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས།

    ཀྲུང་གོའི་བོད་ཀྱི་ཨ་ནུ་ཡིག་ཆས་འགན་ལེན་ཚད་ཡོད་ཀུང་སི་ནི་སྤྱི་ལོ༢༠༡༤ལོའི་ཟླ༡༢བར་ལས་གཞིའི་འགོ་བཟུང་སྟེ་གྲ་སྒྲིག་གི་ལས་རིམ་ལ་ཞུགས་ཤིང་། ༢༠༡༦ལོའི་ཟླ༤བར་དངོས་སུ་ཀུང་སི་ཐོ་འགོད་བྱས་ཤིང་ཆོག་མཆན་ཐོབ། ཀུང་སི་འདིའི་ལས་གཉེར་གཙོ་བོ་ནི་ཡིག་མཁན་གྱི་གཅེས་ནོར་བཞི༼ཤོག་བུ། སྣག་ཚ། སྣག་བུམ། སྨྱུ་གུ༽ཡིན་ལ།དེ་ལས་གཞན་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་དང་གཞུང་སྒྲུབ་ཡོ་བྱད་སོགས་ཇུས་འགོད་དང་གསར་སྤེལ། ཐོན་སྐྱེད་སོགས་གཞི་གཅིག་ཏུ་གྲུབ་པའི་ཁེ་ལས་ཤིག་ཀྱང་ཡིན།


ཨ་ནུ་ཡིག་ཆས་ཀུང་སིས།

༢༠༡༦ལོའི་ཟླ༦ཚེས༡༡ཉིན།

ཁེ་ལས་གནས་ཚུལ།

 དང་པོ།  ཁེ་ལས་རིག་གནས།

   གཅིག རྩམ་དྲི་མ་ཡལ་བའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྲོག་རྒྱུན་བསྲིངས་ཏེ་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་བ།

   གཉིས། སྒོར་མོ་བཙལ་བ་ཁོ་ནའི་ཆེད་དུ་ལས་གཞི་གཉེར་བ་ཙམ་མ་ཡིན་པར་རྒྱུ་འབྲས་དྲང་བཞག་དང་རིགས་ཀྱི་འདུ་ཤེས་བརྟན་པོས་ཕྱི་རབས་པར་ཞབས་འདེགས་ཞུ་སྟངས་ཤིག་ཡིན།

   གསུམ། རེ་ཆད་ནི་ཚོང་ལས་མར་འགྲིབ་པའི་གཡབ་མོ་དང་སྤོབས་པ་དང་ཡིད་ཆེས་ནི་ཁེ་ལས་གོང་འཕེལ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པར་གཞི་བཅོལ་བའི་ལས་གཉེར་ཞིག་ཡིན།

   བཞི། བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གཉིས་ཡར་རྒྱས་གོང་འཕེལ་དུ་གཏོང་བ་དང་། ལས་བཟོ་བའི་བསམ་པའི་ལོངས་སྤྱོད་དང་འཚོ་བའི་ལོངས་སྤྱོད་ལ་མཐུན་རྐྱེན་བསྐྲུན་ཅི་ཐུབ་ཀྱིས་འདྲ་མཉམ་དང་དྲང་བདེན། མཉམ་ལས་ཀྱིས་ཁེ་ལས་ཀྱི་གཞི་རྐང་ཇེ་མཐུག་ཏུ་གཏོང་དགོས། ཁེ་ལས་ནི་ཡང་ལས་བཟོ་བའི་རྒྱབ་རི་བཀན་མོ་དེ་ཡིན་པར་འབད་པ་བྱ་དགོས།

གཉིས་པ། ཁེ་ལས་ཀྱི་རྩ་དོན།

    གཅིག ཕ་མེས་ཀྱི་ཤུལ་བཞག་རིག་གནས་རྒྱུད་འཛིན་དང་གསར་གཏོད། དར་སྤེལ་བཅས་ཀྱི་ཕྱོགས་སུ་གོམ་ཁ་སྤོ་བ།

    གཉིས། རང་ཉིད་འཛད་སྤྱོད་པའི་ཚབ་ཏུ་བཞག་སྟེ་འཛད་སྤྱོད་པར་སྤྱོད་ཡོན་གཉིས་ལྡན་གྱི་ཞབས་ཞུ་བསྒྲུབ་པ།


གསུམ་པ། ཁེ་ལས་ཀྱི་མ་འོངས་པ།

  གཅིག སྲོལ་རྒྱུན་རིག་གནས་སྲོག་ཤིང་ཡིན་པའི་ཐོན་རྫས་གསར་སྤེལ་བྱེད་པ།

  གཉིས། ཐོན་རྫས་ཀྱི་རྒྱུ་སྤུས་ལ་ཁག་ཐེག་ཡོད་པ་བྱས་ཏེ་ཚོང་རྟགས་གྲགས་ཅན་གྱི་གྲས་སུ་བརྩོན་པ།

  གསུམ། དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་འདྲ་མཉམ་དང་དྲང་བདེན་སྒོས་ཁེ་ལས་འཕེལ་རྒྱས་སུ་གཏོང་བ།

  བཞི། ཨ་ནུ་ཐེབས་རྩ་ཚོགས་པ་གཟུག་པར་རྨང་གཞི་གཏོང་བ།




བཞི་བ།  ཞབས་ཞུའི་ཁྱབ་ཁོངས།

   མི་རིགས་ཀྱི་ཡོ་བྱད་རིག་གནས་གསར་སྤེལ་བྱེད་པ་དང་ཡིག་མཁན་གྱི་གཅེས་ནོར་བཞི་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་པ། དེ་མིན་གློག་རྡུལ་ཚོང་ལས།ཚོང་རའི་ཕྱིར་འཚོང་། བརྡ་ཁྱབ་འཆར་འགོད། ཐོན་རྫས་གསར་སྤེལ། ཚོང་ཚབ། ཁྱབ་བསྒྲགས་སོགས་ཀྱི་རྣམ་གྲངས་མང་པོ་གཉེར་བཞིན་ཡོད།


在线视频